当前位置:首页> 原创动态 >达娃原创歌曲【轮回】

达娃原创歌曲【轮回】

2023-05-10 14:56:27

                                                                      

                                            བརྙན།    གླུ།


YRX

    





གླུ་ཚིག་དང་པར་རིས།       

   

                               ༼འཁོར་བ༽      

                                                     ཚིག་་ཟླ་བ།

                                                 དབྱངས་་ཟླ་བ།

                                              ལེན་མཁན་་ཟླ་བ།

ང་ཚོ་མ་འདྲེས་མ་ལོབ་རེ་ཟེར་ན།

སྙིང་གཏམ་འོ་མའི་ཆབ་རྒྱུན་དྲོད་མོ།

འདྲེས་ནས་ལོབ་སོང་རེ་ཟེར་ན།

སེམས་པའི་ཕྱི་ནང་ཤར་ལྷོ་ནུབ་བྱང་།

དུས་འགྱུར་བ་ནམ་ཁའི་གློག་རེད།

མི་ཡི་རང་གཤེས་ས་རྡུལ་རླུང་རེད།

ངའི་དུང་སྟར་དཀར་བའི་ཕ་རིས་གང་ན་ཡོད།

མི་གཤེས་རླུང་གིས་ཁུར་བའི་མི་བུ་ཚོ་ལ།

ཁྲེལ་ཕྱི་ཐག་ཟེར་ནས་ཡོད་ས་མ་རེད།

འདི་བསམ་ན་སེམས་ལ་སྨུག་སྤྲིན་ཞིག་འཐིབ་ཡོང་།

འདི་བསམ་ན་མིག་ལ་མཆི་མ་ཞིག་འཁོར་ནས་མཚོ་མོ་ཞིག་འཁྱིལ།


མི་ཚེ་གཡང་གཟར་ཝབ་རྡོའི་རང་བཞིན།

སྐད་ཅིག་ཉིད་དུ་གར་སོང་ཆ་མེད།

ལང་ཚོ་གསེར་ཀྱི་མེ་ཏོག་ཆུང་ཆུང་།

འདབ་མ་སྟོན་རླུང་ཁྲོད་དུ་ཡལ་སོང་།

མི་རྟག་སྒྱུ་མའི་འཇིག་རྟེན་བསམ་ན།

གཞན་སེམས་དཀྲུག་ནས་སླུ་བྲིད་མ་གཏོང་།

ངའི་ལྷག་བསམ་ཅན་གྱི་ཕ་མེས་གང་ན་ཡོད།

མ་རྟག་སྒྱུ་མའི་འཇིག་རྟེན་འཁོར་བའི་ཀློང་ན།

ཁྲེལ་ཕྱི་ཐག་ཟེར་ནས་ཡོད་ས་མ་རེད།

འདི་བསམ་ན་སེམས་ལ་སྨུག་སྤྲིན་ཞིག་འཐིབ་ཡོང་།

འདི་བསམ་ན་མིག་ལ་མཆི་མ་ཞིག་འཁོར་ནས་མཚོ་མོ་ཞིག་འཁྱིལ།







 




ཁྱེད་ལ་རེ་འདུན་ཡོད་ན་འབྲེལ་བ་གནང་རོགས།




dawn

zanzu@qq.com


dawn

2120456887

སྐྱ་རེངས།

dawn 黎明

འདིར་ནོན་དང་ངེད་ཀྱི་འཕྲིན་སྟེགས་སུ་སྦྲེལ་ཐུབ།

                  


འཚོལ་བཤེར་རི་མོ། སྤྱད་ན་སྟབས་བདེ།



友情链接